ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན། ཨེ་ཀོ་ནོ་མིག ཊེམ་ (Economic Times) ཞེས་པའི་གསར་ཤོག་ཏུ། རྒྱ་གར་ཚོང་ལས་ཚན་པ་ནས་གོ་སྒྲིག་བྱས་ཏེ་ཚོགས་འདུ་ཚོགས་པ་དེར་༧གོང་ས་མཆོག་གི་ཉེས་འཆར་གྱི་དཔྱད་གཏམ་སྤེལ་དོན་ལ། དོན་གནད་དེའི་ཐོག་ལ། ༧གོང་ས་མཆོག་གིས་ཐུགས་སྣང་དྲག་པོའི་ངང་ནས། ཁོང་རྒྱ་ནག་མཉམ་དུ་སྡོད་འདོད་ཡོད་ཅེས་དང་། དེའི་སྐོར་ཁོང་གིས་ཐུགས་ཐག་ཆོད་པོའི་ཐོག་ནས་གསལ་པོར་གསུངས་སོང་། དེ་ལ་དོན་འགྲེལ་ལོག་པ་བྱེད་ས་མི་འདུག
ཁོང་གི་དཔྱད་གཏམ་དེས། ཉེ་འཆར་༧གོང་ས་མཆོག་གི་དབུ་མའི་ལམ་ཞེས་པའི་ཐོག་ནས་རྒྱ་ནག་གཞུང་གི་འོག་ལ་རང་སྐྱོང་སྲིད་དབང་ཞེས་པའི་གནད་དོན་དེའི་ཁ་གཏད་བྱེད་མཁན་འཛམ་གླིང་གང་སར་ཡོད་པའི་བོད་མི་མང་གི་བློ་ལ་འཆར་སྣང་ལོག་པ་སྐྱེད་བཅུག་པ་རེད། བོད་མི་དེ་ཚོ་ལ། གྲོས་ཚོགས་སྣ་ཚོགས་ཀྱི་ཚོགས་མི་འཛོམ་ནས། ཉེ་འཆར་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་རྒྱབ་འགལ་རང་བཙན་གྱི་ལས་འགུལ་ལ་དམིགས་ནས་ཕ་རེན་སིར་བགྲོས་གླེང་ཚོགས་པར་བཅར་ཡོད་པ་དང་། ཕ་རེན་སིས་ལུང་པའི་མཛེས་སྡུག་ཅན་གྱི་མཐོང་རྒྱ་སྣ་ཚོགས་ལྟ་ནས་སྤྲོ་སྐྱིད་གཏོང་ནས་དུས་ཚོད་སྐྱེལ་ཡོད་འདུག བོད་མི་དེ་ཚོའི་གྲོས་ཚོགས་ལ་ཏན་ཏན་འགྲིམ་སྒྲུལ་བྱེད་པར་འགྲོ་སོང་མང་པོ་འདུག དངོས་ཡོད་གནས་ཚུལ་དེ་གང་ཡིན་ཞེས་ན།
༧གོང་ས་མཆོག་གིས་དེ་ཉིད་ལ་གང་འདོད་པ་གསལ་པོ་གནང་ཡོད་པ་དང་། ཁོང་གི་གང་དགོངས་པ་དེ་བོད་མི་ཚོའི་དོན་དུ་མཆོག་ཏུ་འགྱུར་པ་རེད། དེ་ཨིན་ཙང་།
- བོད་མི་ཚང་མས། ༧གོང་ས་མཆོག་སྐུ་མདུན་ལ་བཀའ་དྲིན་བསམ་ཤེས་དང་ཤ་ཞེན་ཡོད་ན། བསམ་ཕྱོགས་འདི་ལ་ངོས་ལེན་བྱེད་དགོས། སྣང་བ་འདིར། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ནང་ཚང་མས་ལམ་སེང་རྒྱ་གཞུང་གི་དར་ལྕག་ཕྱར་དགོས། ༧གོང་ས་མཆོག་གིས་བོད་ཡུལ་དེ་རྒྱ་ནག་གཞུང་གི་ཁྲིམས་ཀྱི་འོག་ཏུ་དབུ་མའི་ལམ་དགོས་གསུངས་ཡོད་པ་དང་། དེའི་དོན་ནི་རྒྱ་ནག་གཞུང་གི་དར་ལྕག་འཆར་དགོས་པ་འདི་རེད།
- གལ་སྲིད་བོད་མི་ཚོས་བོད་ཀྱི་དར་ལྕོག་ཕྱར་ན། འདིས་དེ་ཚོ་ལ་བོད་རང་བཙན་དགོས་ཀྱི་ཡོད་པ་མཚོན་ཞིང་། རྒྱ་ནག་གཞུང་གི་དར་ལྕག་ཁས་མི་ལེན་པ་ཡིན། བྱ་སྤྱོད་འདི་འདྲ་རང་སྟོན་ན། རྒྱ་གཞུང་གིས་༧གོང་ས་མཆོག་གིས་གང་གསུངས་པ་བཞིན་དྲང་བདེན་ཡིན་པ་དེ་ཇི་ལྟར་ཡིད་ཆེད་བྱེད་དམ། བོད་མི་ཚོ་ལ་བོད་དང་རྒྱ་ནག་ཆིག་སྒྲིལ་དགོས་པའི་བསམ་ཤེས་ཡོད་ན། དེ་ཚོས་དངོས་སུ་སྟོན་ཐུབ་པ་བྱེད་དགོས་པ་དང་། ༧གོང་ས་མཆོག་གི་དགོངས་བཞེས་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱབ་སྐྱོར་བྱེད་དགོས་རེད། དེ་ཡིན་ཙང་རྒྱ་ནག་གི་དར་ལྕོག་ཉར་ན་འགའ་ཤས་ལ་ཡང་མི་མཐུན་པ་ལྟ་བུ་མཐོང་གི་ཡོད་རེད། ༧གོང་ས་མཆོག་གི་དགོངས་བཞེས་ལ་བསམ་ཤེས་ཡོད་པའི་སྒོ་ནས་རྒྱག་གཞུང་ཕྱོགས་ལ་འགྲིགས་འཇགས་ཀྱི་རྣམ་འགྱུར་སྟོན་པ་ནི་སྤྱིར་སྟངས་འདི་ལས་ཀྱང་གལ་ཆེའོ། །རྒྱ་གཞུང་གི་དར་ལྕོག་ཕྱར་ན། བོད་ཡུལ་རྒྱ་གཞུང་གི་ཁྲིམ་འོག་འགྲོ་ཐུབ་པ་དེ་༧གོང་ས་མཆོག་གི་དགོངས་བཞེས་ལ་རྒྱབ་སྐྱོར་བྱེད་པ་དང་མཚུངས་སོ།།
- ༧གོང་ས་མཆོག་གིས་དགོངས་བཞེས་གསལ་པོར་གང་བཞག་པ་དེ་བོད་མི་མང་ཚོའི་དོན་དུ་ཡག་པོ་རེད། ༧གོང་ས་མཆོག་གི་དགོངས་བཞེས་ཀྱི་ཁ་གཏད་བྱེད་མཁན་རང་བཙན་ཞེས་པ་དེ་ཚོ་ལ་༧གོང་ས་མཆོག་གི་རྒྱབ་འགལ་གྱི་བསམ་འཆར་འདི་འདྲ་གང་ཡང་ཡོད་དམ། གལ་སྲིད་ཁྱོད་རང་གིས་༧གོང་ས་མཆོག་གི་དགོངས་བཞེས་ལ་ཁ་གཏད་བྱེད་ན། ཁྱོད་ཀྱི་༧གོང་ས་མཆོག་ལ་ཁ་གཏད་བྱེད་པ་རེད། ལས་སླ་པོ་རེད། ད་ནས་བཟུང་། བོད་མི་སུ་ཞིག་གིས་བོད་ཀྱི་དར་ལྕག་ཕྱར་ནས་བོད་རང་བཙན་ལ་སྐད་འབོད་རྒྱག་ན། དེ་ཚོ་སྤྱིར་སྟངས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་པ་དང་འགལ་ཚར་རེད། དེ་ཚོ་༧གོང་ས་མཆོག་གི་རྒྱབ་འགལ་དམ་ཉམས་པ་དང་། བོད་པའི་སྤྱི་ཚོགས་ནང་དངུལ་འགྲོ་སོང་གཏོང་པའི་དབྱེ་འབྱེད་བྱེད་མཁན་རེད།
གལ་ཏེ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་རྣམས་ཀྱིས་༧གོང་ས་མཆོག་ལ་དངོས་ནས་རྒྱབ་སྐྱོར་གནང་གི་ཡོད་ན། ཁོང་གིས་བོད་མི་ཚོས་རྒྱ་ནག་ནས་རང་སྐྱོང་སྲིད་དབང་གི་རྙེད་ཐབས་བྱེད་ཀྱི་ཡོད། རང་བཙན་རྩོད་ཀྱི་མིན་ཞེས་གསུངས་པ་ཡིན་པས། རྒྱ་གཞུང་ཁ་གཏད་དུ་ངོ་རྒོལ་བྱེད་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཤོལ་མ་འདེབས་དགོས། དེ་བཞིན་བོད་ཀྱི་དར་ཆ་ཕྱར་བར་བོད་མི་རྣམས་ནས་བཤོལ་ཐབས་བྱེད་དགོས་པ་དང་རང་ལུས་མེ་མཆོད་ཕུལ་ཡ་དེ་ཡང་མཚམས་འཇོག་བྱེད་དགོས་པའི་བསྐུལ་གནང་དགོས་རེད།
- བོད་མི་ཡོངས་ཀྱིས་རྒྱ་གཞུང་དང་གྲོགས་པོ་སྒྲིག་པར་ལག་པ་རྐྱང་སྟེ་གཞུང་གཉིས་བར་ལམ་ཁ་བཟོ་དགོས་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་ཡ་མཚམས་འཇོག་བྱེད་དགོས་པ་དང་གལ་ཏེ་༧གོང་ས་མཆོག་གི་དམིགས་ཡུལ་སྒྲུབ་དགོས་ན་རྒྱ་ནག་ཁ་གཏད་དུ་ངོ་རྒོལ་བྱེད་ཆེད་དུ་བོད་མི་རྣམས་ལ་བསྐུལ་མ་བྱེད་རྒྱུ་དེ་མཚམས་འཇོག་དགོས། ཁྱེད་ཀྱིས་སྟོབས་ཤུགས་དང་ལྡན་པའི་གཞུང་ཞིག་གི་ཁ་གཏད་གཅོག་པ་ཡིན་ན། ཁོང་ཚོས་ཁྱེད་རང་ལ་གང་འདྲ་བྱེད་ནས་འབྲེལ་བ་བྱེད་ཀྱི་རེད་དམ། ཁྱེད་རང་གི་གཞན་ལ་ཚིག་རྩུབ་སྨྲ་བ་དང་དམའ་འབེབས་བྱེད་པ་ཡིན་ན་ཁོང་ཚོས་ཁྱེད་ཀྱི་འདོད་དོན་གང་འདྲ་སྒྲུབ་པ་བྱེད་ཀྱི་རེད་དམ།
- དེ་ཡིན་ཙང་། གལ་ཏེ་བོད་མིི་དང་བོད་མིའི་དབུ་ཁྲི་རྣམས་ཀྱིས་༧གོང་ས་མཆོག་བོད་ལ་འགྲོ་བ་འདོད་ཀྱི་ཡོད་ན། ཁོང་ཚོས་རྒྱ་གཞུང་ཁ་གཏད་དུ་ངོ་རྒོལ་བྱེད་ཡ་མཚམས་འཇོག་བྱེད་དགོས། རྒྱ་གཞུང་ལ་ངོ་རྒོལ་བྱེད་ཏེ་མཐོང་ཆུང་བཏང་བ་ཡིན་ན་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་ཡའི་གོ་སྐབས་གཏོར་རྒོལ་བྱེད་ཀྱི་ཡོད་པ་རེད། བོད་རང་བཙན་དགོས་ཞེས་འབོད་པ་ནི་༧གོང་ས་མཆོག་གི་དགོངས་པ་དང་འགལ་གྱི་ཡོད་རེད། གང་ཡིན་ཟེར་ན། བོད་མིའི་རྣམས་ཀྱི་རང་སྐྱོང་སྲིད་དབང་འདོད་དགོས་ཞེས་ཁོང་གིས་གསུངས་ཚར་བ་རེད།
འདི་ལས་གསལ་བ་༧གོང་ས་མཆོག་གིས་ག་རེད་གསུངས་དགོས་སམ། ཁོང་གིས་བོད་མིའི་ཆེད་དུ་རང་སྐྱོང་སྲིད་དབང་དགོས་ཀྱི་ཡོད་པ་དང་ཁོང་གི་བསམ་ཚུལ་ལ་འདི་ནི་ཐབས་ལམ་དྲག་ཤོས་ཡིན་ཞེས་༧གོང་ས་མཆོག་གིས་གསལ་པོའི་བྱེད་ནས་གསུངས། འདི་དང་ཁ་འགྱེ་བའི་བསམ་ཚུལ་གཞན་ནི་༧གོང་ས་མཆོག་གི་དགོངས་བཞེད་དང་གསལ་པོ་འགལ། ༧གོང་ས་མཆོག་གིས་ཚང་མ་མཁྱེན་ཞེས་བོད་མིའི་དབུ་ཁྲིད་རྣམས་ཀྱིས་ཡང་ནས་ཡང་དུ་བཤད། ཁོང་ཚོས་དམངས་གཙོ་དང་འགལ་བའི་སྲིད་ཇུས་བཟོ་ཏེ་རྒྱུ་མཚན་གང་ཡང་མེད་ནའང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་བཀག་སྡོམ་བྱེད་ནས་འདི་༧གོང་ས་མཆོག་གིས་བཀའ་ཡང་ན་དགོངས་བཞེས་རེད་ཞེས་བརྗོད།
ག་རེད་ཡིན་ཡང་། ད་ལྟ་༧གོང་ས་མཆོག་གིས་རང་སྐྱོང་སྲིད་དབང་འདོད་ཀྱི་ཡོད་པ་དང་། བོད་རང་བཙན་མི་འདོད། བོད་མིའི་དབུ་ཁྲིད་རྣམས་ཀྱིས་རང་སྐྱོང་སྲིད་དབང་སྒྲུབ་པར་སོ་སོའི་མི་མང་ལ་བསྒྲགས་གཏམ་འགྲེམས་ཡ་འགོ་འཛུགས་ཀྱི་རེད་པས། ད་ལྟ་ནང་བཞིན་ཁ་ཁག་བཞུགས་ཏེ་བོད་རང་བཙན་གྱི་ཆེད་དུ་མི་མང་ལ་ངོ་རྒོལ་བྱེད་དུ་འཇུག་གི་རེད་དམ། བོད་རང་བཙན་གྱི་ཆེད་དུ་ངོ་རྒོལ་བྱེད་དུ་འཇུག་པ་ཡིན་ན། ༧གོང་ས་མཆོག་གིས་དབུ་མའི་ལམ་དེ་ཉིད་དང་འགལ་གྱི་ཡོད་པ་རེད། བོད་མི་རྣམས་ནི་༧གོང་ས་མཆོག་གིས་དགོངས་བཞེད་ཀྱི་ཁ་གཏད་དུ་འགྲོ་རྒྱུ་རེད་པས། ཡང་ན་ཁོང་གི་ཡིད་སྨོན་དེ་སྒྲུབ་པར་ཁོང་གི་བཀའ་ལ་བརྩི་གི་རེད་དམ།
ད་བོད་པའི་དབུ་ཁྲིད་རྣམས་ཀྱིས་སོ་སོའི་ཁ་ནས་གང་བརྗོད་པ་དེ་བྱེད་ནས་སྟོན་དགོས་པའི་དུས་ཚོད་སླེབ་ཡོད། ད་ཁོང་ཚོས་གང་བྱེད་ཀྱི་རེད་ཞེས་མི་ཚང་མའི་བལྟ་བཞིན་ཡོད་རེད། གལ་ཏེ་ཁྱེད་རང་ཚོས་༧གོང་ས་མཆོག་གི་དགོངས་བཞེད་བོད་རྒྱ་ནག་དང་འབྲེལ་བ་བྱེད་འདོད་པའི་བཀལ་ལ་བརྩི་གི་ཡོད་ན། ཁྱེད་རང་དངོས་གནས་རྒྱལ་ཞེན་གྱི་གང་ཟག་ཆགས་ཡོད། དེར་ཁྱེད་ཀྱིས་རྒྱ་ནག་དར་ཆ་ཕྱར་བར་འགོ་འཛུགས་དགོས། གལ་ཏེ་ཁྱེད་རང་བོད་རང་བཙན་དགོས་ཀྱི་ཡོད་ན། ཁྱོད་༧གོང་ས་མཆོག་གི་ཡིད་སྨོན་གྱི་ཁ་གཏད་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་༧གོང་ས་མཆོག་གི་ཡིད་སྨོན་གྱི་ཁ་གཏད་བྱེད་འདོད་ཡོད་དམ། ཁྱེད་རང་རྒྱལ་ཞེན་གྱི་གང་ཟག་མ་ཡིན་ནམ། ཁྱེད་རང་༧གོང་ས་མཆོག་གི་ཁ་གཏད་པ་ཡིན་ནམ། བོད་རང་བཙན་གྱི་ཆེད་དུ་འཁྲུག་རྩོད་བྱེད་མཁན་དེ་དག་ནི་བོད་པའི་སྤྱི་ཚོགས་ནང་གི་ཚོགས་པ་ཉེན་ཚབས་ཆེ་ཤོས་ཞིག་ཡིན་ཞེས་ཟམ་གདོང་རིན་པོ་ཆེས་གསུངས། ཁྱེད་རང་༧གོང་ས་མཆོག་གི་ཕྱོགས་སུ་ཡོད་དམ་མེད།
རྒྱ་གར་གྱི་(ECONOMIC TIMES)ཞེས་པའི་གསར་ཤོག་ཏུ། བོད་རྒྱ་ནག་མཉམ་དུ་སྡོད་འདོད་ཡོད། ཡར་རྒྱས་འཚོལ་སྒྲུབ་བྱེད།
གནས་ཚུལ་ཚང་མ་ཀློག་པར་འདིར་ནོན་ཞིག ། ༼ འབྱུང་ཁུངས། https://economictimes.indiatimes.com/news/politics-and-nation/tibet-wants-to-stay-with-china-seeks-development-dalai-lama/articleshow/61767198.cms ༽
དབྱིན་ཡིག
ཆེ་རུ་གཏོང་བར་འདིར་ནོན་ཞིག །
ཆེ་རུ་གཏོང་བར་འདིར་ནོན་ཞིག །
ཆེ་རུ་གཏོང་བར་འདིར་ནོན་ཞིག །
ཆེ་རུ་གཏོང་བར་འདིར་ནོན་ཞིག །
ཆེ་རུ་གཏོང་བར་འདིར་ནོན་ཞིག །
བོད་ཡིག
ཆེ་རུ་གཏོང་བར་འདིར་ནོན་ཞིག །
ཆེ་རུ་གཏོང་བར་འདིར་ནོན་ཞིག །
ཆེ་རུ་གཏོང་བར་འདིར་ནོན་ཞིག །
ཆེ་རུ་གཏོང་བར་འདིར་ནོན་ཞིག །
MORE NEWS LIKE THIS